སེམས་ཀྱི་རེ་འབོད།
ཚིག་དང་དབྱངས། དམངས་ཁྲོད། གཞས་པ། བདུད་བྷེ་དང་གངས་གཞུགས། ཨ་བསམ། དཔལ་ཆེན་དབང་རྒྱལ། སྟོད་ཁ་བ་གངས་ཀྱི། མཛེས་སྡུག་གི་རི་ལུང་། རི་ལུང་ང་ཚོའི་ཡིན་པ་ཐེ་ཚོམ་མེད། ཐེ་ཚོམ་མེད་ཀྱང་ཆུ་ཁམ་གང་དོན་ལ། གྲི་མགོ་ཕུར། གྲི་མགོ་རང་གི་སྤུན་ལ་ཕུར། ཕྱི་ནས་བལྟས་ཀྱང་ངོ་ཚ་མེད། ནང་གི་ཉེ་མི་ཁྲག་བཞིན་དཀྲུག ཨོ་ཧོ་ཧོ། སྐྱེས་ཕ་བཟང་གི་བུ། ཨོ་ཧོ་ཧོ། མ་བཟང་གི་རྒྱུད། གྱོད་དང་འཁྲུག་པ་མྱུར་བར་སྤོངས། སྨད་རྩི་ཐོག་གི་ཡུལ་གྱི། མཛེས་སྡུག་གི་རྩྭ་ཐང་། རྩ་ཐང་ང་ཚོའི་ཡིན་པ་རྩོད་གླེང་མེད། རྩོད་གླེང་མེད་ཀྱང་། རྩ་སྤར་གང་དོན་ལ། བོའུ་ཁ་གཏད། བོའུ་ཁ་རང་གི་རྒྱུད་ལ་གཏད། ཕྱི་ནས་བལྟས་ཀྱང་མགོ་རྣ་མེད། ནང་གི་བཟའ་ཚང་གསོན་བྲལ་བཏང་། ཨོ་ཧོ་ཧོ། སྐྱེས་ཕ་བཟང་གི་བུ། ཨོ་ཧོ་ཧོ། མ་བཟང་གི་རྒྱུད། གྱོད་དང་འཁྲུག་པ་མྱུར་བར་སྤོངས། མི་ཉག་པདྨ་ཚེ་དབང་གིས་རོལ་མོ་གླིང་། |