དྲན་པའི་ལེགས་སྐྱེས།
ཚིག ཁྱུང་སྨོན་སྐྱེས།།
དབྱངས། རྟ་མགྲིན་ཚེ་རིང་།
ལེན་མཁན། རིག་འཛིན་སྒྲོལ་མ། རྟ་མགྲིན་ཚེ་རིང་།
ཁྱེད་རང་མེད་པའི་ལོ་ཟླའི་ནང་དུ།།
རེ་སྒུག་ཁྲི་ཡི་འབོད་སྒྲའི་ཁྲོད་ན།།
སེམས་ཀྱི་སྡུག་བསྔལ་ནང་དུ་བཅུག་ནས།།
ན་ཟུག་ཡོད་ཚད་དབྱངས་སུ་གྱེར་ཡོད།།
ཁྱེད་རང་མེད་པའི་ལོ་ཟླའི་ནང་དུ།།
དྲན་གདུང་ཁྲི་ཡི་ཕྱིར་དྲན་ཁྲོད་ན།།
སྙིང་གཏམ་ཡོད་ཚད་ཁོག་ཏུ་བཅུག་ནས།།
ཁེར་རྐྱང་འཚོ་བ་དབྱངས་སུ་གྱེར་ཡོད།།
ལྷག་བསམ་ཁྲི་ཡི་རང་མདངས་ཁྲོད་ན།།
བརྩེ་བ་ཟབ་མོ་ཨ་ཐང་ཆད་ཡང་།།
དམ་བཅའ་ཡོད་ཚད་དབྱངས་སུ་གྱེར་བཞིན།།
ཁྱེད་རང་དྲན་པའི་ལེགས་སྐྱེས་དེ་ཡིན།།