གཞོན་པ་ང་ཚོ།
年轻的我们
གཞས་ཚིག ཐོག་དམར་པོ།
གཞས་དབྱངས། དམངས་ཁྲོད།
གཞས་པ། མི་ཉག་འཕིན་ལས།
ལོ་ཟླ་ཕར་ལ་བཅར་འགྲོ།།
དབུས་སྟོད་ཉི་མ་སེར་ཆེན།།
གཙང་ཆུ་འཐུང་རྒྱུ་བྱུང་ན།།
ཕོ་བྲང་ནང་ལ་འཁོར་ཤོག།
གནམ་གྱི་སྤྲིན་པ་དཀར་ནག།
ཕྱི་གསལ་ནང་གསལ་ཡོང་ན།
ལས་ལ་འཁོར་འཁོར་བྱམས་པ།
མི་ཚེ་དགའ་རོགས་སྐྱོ་རོགས།
གཅིག་མ་ལ་གཅིག་གཉིས་མ་ལ་་་་གཞོན་པ་ང་ཚོ་ཕྱིར་ལ་ལོག་ཡོང་།
གཅིག་གཉིས་ལ་གསུམ་བཞུ་ལྔ་ལ་དྲུག།
མི་ཚེ་ཕར་ལ་བསྐྱོན་འགྲོ།
ལ་དང་ལ་མོ་བརྒལ་ཡོང་།
ནོར་བུ་ལེན་རྒྱུ་བྱུང་ན།།
མདོ་དབུས་ཁམས་གསུམ་སྐོར་ཤོག།
ལམ་གྱི་རྡོ་བ་དཀར་ནག།།
ཕྱི་འགྲིག་ནང་འགྲིག་ཡོང་ན།།
ལས་ལ་འཁོར་འཁོར་བྱམས་པ།།
མི་ཚེ་དགའ་རོགས་སྐྱོ་རོགས།།
གཅིག་མ་ལ་གཅིག་གཉིས་མ་ལ་་་་གཞོན་པ་ང་ཚོ་ཕྱིར་ལ་ལོག་ཡོང་། །
གཅིག་གཉིས་ལ་གསུམ་བཞུ་ལྔ་ལ་དྲུག།
རི་ཆུ་ཕར་ལ་བརྒལ་འགྲོ།།
ཉི་མ་གཙང་ལ་བབས་བྱུང་།།
བྱ་ཁྱུ་ལྷོ་ལ་འཕུར་ནས།།
མགྱོགས་པོར་ཚང་ལ་ལོག་ཤོག
ལས་ཀྱི་མི་སེམས་དཀར་ནག།།
ཕྱི་མཐུན་ནང་མཐུན་ཡོང་ན།།
ལས་ལ་འཁོར་འཁོར་བྱམས་པ།།
མི་ཚེ་དགའ་རོགས་སྐྱོ་རོགས།།
གཅིག་མ་ལ་གཅིག་གཉིས་མ་ལ་་་་གཞོན་པ་ང་ཚོ་ཕྱིར་ལ་ལོག་ཡོང་། །
གཅིག་གཉིས་ལ་གསུམ་བཞུ་ལྔ་ལ་དྲུག།