ལོ་སར་བཟང་།
新年好
ཚིག ཐོག་དམར་པོ།
དབྱངས། པདྨ།
གཞས་པ། མི་ཉག་འཕྲིན་ལས།
སྲོང་བཙན་རྩྭ་ཐང་ལ་འཁོར་དུས།།
གནམ་གྱི་ཁྲི་ཐོག་ནས་བཞུགས་སོང་།།
གངས་རིའི་ཕར་ཚུར་ལ་བལྟས་ན།།
ཀི་བསྭོ་བར་སྣང་ལ་ཁྱབ་ཡོད།།
ཧོ་་་་་་་ཨོ་་་་་་།
ལོ་གསར་བཟང་།།
སྲོང་བཙན་ལགས་ལོ་གསར་བཟང་།།
ལོ་གསར་གནམ་གང་གི་དགོང་མོ།།
ཕོ་བྲང་དཀར་དམར་གྱི་མདུན་དུ།།
དཔའ་བོའི་སྙིང་སྟོབས་ཏེ་དྲན་ནས།།
གཙང་མའི་མཆོད་ཆང་ཞིག་འབུལ་ཡོད།།
ཧོ་་་་་་་་ཨོ་་་་་་
ལོ་གསར་བཟང་།།
དཔའ་བོ་ལགས་ལོ་གསར་བཟང་།
ལོ་སར་ཚེ་གཅིག་གི་ཉིན་མོ།།
མིང་སྲིང་ཕ་མ་ལ་འཁོར་ནས།།
དབྱངས་གསལ་སོ་བཞི་ཡི་མདུན་ནས།།
དགའ་སྤྲོའི་གླུ་དབྱངས་ཤིག་བླངས་ཡོད།།
ཧོ་་་་་་ཨོ་་་་་
ལོ་གསར་བཟང་།
མིང་སྲིང་ལགས་་་་་་་་ཨོ་་་་་་ལོ་གསར་བཟང་།
བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས བཀྲ་ཤིས་ཤོག
ཕ་མ་མགོ་འཛོམས་ཀྱི་འཁོར་བ།།
བྱམས་བརྩེ་དྲོད་ཁོལ་གྱིས་བཀང་ཡོད།།
མིང་སྲིང་ཕར་ཚུར་ལ་བལྟས་ན།།
བཀའ་དྲིན་འཇིག་རྟེན་ལ་ཁྱབ་ཡོད།།
ཧོ་་་་་་ཨོ་་་་་་་།
ལོ་གསར་བཟང་།
ཕ་མ་ལགས། ལོ་གསར་བཟང་།