阿妈的味道 - 阿桑旦巴
作词:东主才让
作曲:诺日仁青
ཨ་མའི་ལུས་ཀྱི་དྲི་བསུང་འོ་ཇ་མངར་མོའི་བྲོ་བ།
དྲི་ཞིམ་རླངས་པ་རེ་རེ་ས་མཐའི་རྨི་ལམ་རེ་རེ།།
དུངས་ཞེན་སྤྱན་ཟུང་ནང་ནས་བྱིས་དུས་བདེ་སྐྱིད་མངོན་ཡོད།
བྱམས་བརྩེའི་ཞལ་རས་སྟེང་ལ་བཀྲ་ཤིས་སྨོན་འདུན་བྲིས་ཡོད།
ཚེ་རིང་ལོ་བརྒྱ་ཤོག
སྤྲིན་དཀར་འདབ་མ་ཐགས་སུ་བཏགས་པའི།
དྲི་མེད་ཁ་བཏགས་ཨ་མའི་མགུལ་ལ་བསྒྲོན།
ཨ་མའི་ལུས་ཀྱི་དྲི་བསུང་པགས་ཚར་དྲོན་མོའི་དྲོད་ཁོལ།
ཁབ་དང་སྐུད་ལམ་རེ་རེ་མདུན་སྐྱོད་རྐང་རྗེས་རེ་རེ།
སྙན་འཇེབས་ཞལ་གསུང་དྲོན་མོ་འཁྱམས་ཉུལ་སྙིང་གི་དྲན་གདུང།
ཞལ་མཇལ་སེམས་ལ་དྲན་ན་ཁེར་རྐྱང་སྐྱོ་བ་སངས་འགྲོ
ཚེ་རིང་ལོ་བརྒྱ་ཤོག
ཞོགས་པའི་ཟིལ་རྡོག་བསྟར་ལ་བསྒྱུས་པའི།
མུ་ཏིག་ཕྲེང་བ་ཨ་མའི་ཐུགས་ལ་འདོགས།
ཚེ་རིང་ལོ་བརྒྱ་ཤོག
ཞོགས་པའི་ཟིལ་རྡོག་བསྟར་ལ་བསྒྱུས་པའི།
མུ་ཏིག་ཕྲེང་བ་ཨ་མའི་ཐུགས་ལ་འདོགས།