༼རྗེ་བླ་མ་གཙུག་གི་ནོར་བུ༽
གཞས་ཚིག བོང་སྟག་བཟང་འགྲུབ་རྒྱལ།
གཞས་གདངས། རྡོ་རྗེ་དོན་འགྲུབ།
གཞས་པ། རྡོ་རྗེ་དོན་འགྲུབ།
ས་གཡང་ཆགས་པདྨའི་དཀྱུས་ཀི
དུང་གཡས་འཁྱིལ་སྐད་སྒྲ་འབབ་བས།
སྒར་ཁྲ་ཁྲ་དུང་དཀར་འདྲ་བོ།
དགོན་ཐེག་ཆེན་ཆོས་འཁོར་ཐེག་གླིང་རེད།
མ་སེམས་ཅན་སྡུག་བསྔལ་སེལ་མཁན།
རྗེ་ཧཱུ་ནག་རྡོ་རྗེས་མེ་འབར།
སྐུ་ཐེངས་གཅིག་འཇལ་ན་སྡུག་དག་གི
གསུང་ལན་གཅིག་ཐོས་ན་སེམས་སྐྱིད་ཀི
རྗེ་བླ་མ་གཙུག་གི་ནོར་བུ་ཁྱེད།
མི་ཉམས་ཆུང་སྐྱོངས་པའི་མགོན་པོ་རེད།
ཨེ་མ་་་་་་བསྐལ་བ་བཟང་བོ།
དར་དཀར་པོའི་ལྷ་དར་ཁྱེད་ལ་འབུལ།
ས་གཡང་ཆགས་པདྨའི་དཀྱུས་ཀི
སེང་དཀར་མོ་རྒྱབ་རིར་འགྱིངས་བས།
སྒར་ཁྲ་ཁྲ་མུ་ཏིག་འདྲ་བོ།
ས་ཀླུ་མང་སེང་མོ་དགོན་རེད།
མ་སེམས་ཅན་ནད་གདོན་སེལ་མཁན།
རྗེ་ཧཱུ་ནག་རྡོ་རྗེས་མེ་འབར།
སྐུ་ཐེངས་གཅིག་འཇལ་ན་སྡུག་དག་གི
གསུང་ལན་གཅིག་ཐོས་ན་སེམས་སྐྱིད་ཀི
རྗེ་བླ་མ་གཙུག་གི་ནོར་བུ་ཁྱེད།
མི་ཉམས་ཆུང་སྐྱོངས་པའི་མགོན་པོ་རེད།
ཨེ་མ་་་་་་བསྐལ་བ་བཟང་བོ།
དར་དཀར་པོའི་ལྷ་དར་ཁྱེད་ལ་འབུལ།