གནས་མཆོག་འབྲི་སྟོད།
.ཆོས་རྗེ་བཀའ་འགྱུར་བླ་མའི།།
ཡང་སྤྲུལ་ཟླ་བ་གཞོན་ནུ།
དབུས་གཙང་ཆོས་ཀྱི་ཞིང་དུ།།
སྐུ་ཡི་ཞབས་སོར་བཀོད་སོང་།།
ངའི་བླ་མ་དགོན་གསར་ཆོས་རྗེ་ཁྱེད།
མཛད་འཕྲིན་ཡང་ཡང་རྒྱས་པར་སྨོན།
.མདོ་སྔགས་དགའ་བའི་ཚལ་དུ།
ཐོས་བརྩོན་གཤོག་ཟུང་ལྡན་པའི།
མགོན་ཁྱོད་བུང་བ་གཞོན་ནུས།།
དགའ་བའི་དཔལ་ལ་རོལ་སོང་།།
ངའི་བླ་མ་དགོན་གསར་ཆོས་རྗེ་ཁྱེད།
ཡང་ནས་ཡང་དུ་མཇལ་བར་སྨོན།
འགྲོ་བ་མི་ཡི་སྐྱབས་རྟེན།
གདུང་རྟེན་བྱིན་རླབས་ཀུན་ཁྱབ།།
བཞུགས་པའི་གནས་མཆོག་འབྲི་སྟོད།།
ང་ཡི་ཕ་ཡུལ་ཡིན་སོང་།།
ངའི་ཕ་་ཡུལ་བསིལ་ལྡན་གངས་རིའི་ལྗོངས།
ཡང་ནས་ཡང་དུ་དར་བར་སྨོན།