ལས་འབྲས།
དལ་འབྱོར་གྱི་མི་ལུས་རིན་ཆེན། གསེར་དངུལ་གྱིས་དོ་ཟླ་མི་ཡོང་། ༢རྒྱུ་འབྲས་ཀྱི་བདེ་སྡུག་དེ་དག། རྒྱལ་ཁྲིམས་གྱིས་བསྒྱུར་བཅོས་མི་ཐུབ། ཉམ་ཆུང་གི་ཚེ་སྲོག་ཕྲ་མོ། ཁ་ཟས་ཀྱི་དབང་ལ་མ་རྫོགས། ༢འཇིག་རྟེན་གྱི་དམྱལ་བའི་ཡུལ་དུ། ཤ་ཁྲག་གི་བུ་ལོན་འཇལ་དགོས། ཁམས་གསུམ་གྱི་འགྲོ་བ་མཐའ་དག། མ་གཅིག་གི་འདུ་ཤེས་མ་འདོར། ༤བྱམས་བརྩེ་བའི་རིན་ཐང་ལྡན་ན། འཕྲལ་ཕུགས་ཀྱི་རེ་བ་བསྐོང་ཡོང་། |