ང་ཚོ་ཡང་ཡང་མཇལ་ཡོང་།
པདྨའི་ཚིག་དང་དབྱངས།
གདུགས་དཀར་སྐྱབས་ཀྱིས་བླངས།
བརྗེད་ཐབས་མེད་དོ། ཐུང་ཐུང་ངང་གི་མཇལ་འཛོམས། གཏན་དུ་གནས་པའི་མཛའ་མཐུན། བརྗེད་ཐབས་མེད་དོ། བྲེལ་བྲེལ་ངང་གི་མཇལ་བྲལ། ཕྱི་ནས་ཕྱིས་ཀྱི་དྲན་འཇོག
ཤར་ལྷོ་ནུབ་བྱང་གང་དུ་འགྲོ་ཡང་། ང་ཚོ་ཡང་ཡང་མཇལ་ནས་ཡོང་།
བརྗེད་ཐབས་མེད་དོ། མུལ་མུལ་འཛུམ་པའི་ཞལ་རས། ལྷོད་ལྷོད་ངང་གི་གཏམ་གླིང་། བརྗེད་ཐབས་མེད་དོ། ཡིད་སེམས་འགུག་པའི་འབོད་བསྐུལ། ཐམས་ཅད་ཁྲོད་ཀྱི་མཇལ་ཐོར། ཤར་ལྷོ་ནུབ་བྱང་གང་དུ་འགྲོ་ཡང་། ང་ཚོ་ཡང་ཡང་མཇལ་ནས་ཡོང་།