作词:曼拉杰甫\n作曲:加贝\n演唱:泽翁\n\nབུ་མོའི་ལག་པ་གཉིས་དེ་ཆུ་སྐྱེས་པད་མ་དཀར་པོ།\nམེ་ཏོག་ཞལ་ཁ་ཕྱེས་ནས་འབྲི་མོའི་འོ་མ་བཞོས་སོང་།\nལྷ་ཤིང་བཞོ་ཟོའི་ནང་ལ་སྙན་པའི་རོལ་མོ་འཁོར་ན།\nང་ཡི་དྲན་པའི་གཞས་ཆུང་ཡིད་ལ་འཁོར་འཁོར་ཨེ་བྱུང་།\nཨ། བུ་མོ་ཚེ་རིང་མཚོ་མོ།\nམཇལ་བའི་ཡིད་སེམས་ཡོད་ན་དཀར་པོའི་འོ་མས་བཤད་སོང་།\n\nབུ་མོའི་ལག་པ་གཉིས་དེ་ཆུ་སྐྱེས་པད་མ་དཀར་པོ།\nམེ་ཏོག་ཞལ་ཁ་ཕྱེས་ནས་འབྲི་མོའི་འོ་མ་དཀྲོག་སོང་།\nའོ་མ་དཀར་པོ་དཀྲོག་ནས་མར་ལོ་སེར་པོ་བྱུང་ན།\nགསེར་དང་འདྲ་བའི་སྙིང་གཏམ་ཡིད་ལ་འཁོར་འཁོར་ཨེ་བྱུང་།\nཨ། བུ་མོ་ཚེ་རིང་མཚོ་མོ།\nམཇལ་བའི་ཡིད་སེམས་ཡོད་ན་དཀར་པོའི་འོ་མས་བཤད་སོང་།