ཕུགས་བསམ།
ཚིག བོདུང་།
གཞས་པ ཚེ་དཔག་རྡོ་རྗེ།
མཐོ་སྒང་རྩྭ་ཐང་སྤང་ནས་ལང་ཚོ་རྒྱས།།
དཀར་དམར་མེ་ཏོག་འཛུམ་པའི་དཔལ་ལ་རོལ།།
རྫི་གླུ་སྙན་མོས་རང་སེམས་རང་གིས་གསོས།།
ཨ་ཕོ་ང་ནི་འབྲོག་ཕྲུག་རྣལ་མ་ཡིན།།
སེམས་ཀྱི་ཕུགས་འདུན་དྭངས་མ་མཁའ་རུ་བསྒྲེངས།།
དད་བརྩོན་ཆོད་སེམས་དམ་པོས་སློབ་ལ་འབད།།
མ་འོངས་ལམ་ཁ་བསུ་བའི་སྒྲོན་མེ་དེ།།
ཀ་ཁའི་གདངས་དབྱངས་སྙན་མོ་ནན་གྱིས་གྱེར།།
དལ་འབྱོར་མི་ལུས་གནང་བའི་ཕ་མ་དང་།།
མ་འོངས་མདུན་ལམ་སྟོན་པའི་དགེ་རྒན་མཆོག།
ང་ཡིེ་མི་ཚེ་འདི་ཡིས་འོད་སྣང་གཉིས།།
དྲིན་ལན་མཇལ་ཐུབ་ཡོང་བའི་སྨོན་ལམ་འདེབས།།