ཞུ་བ་ཐེངས་གཅིག །
ཚིག___བཙན་པོ་༒དཀོན་མཆོག་ཚེ་རིང་།
དབྱངས་དམངས་ཁྲོད།
ལེན་མཁན___བཙན་པོ་༒དཀོན་མཆོག་ཚེ་རིང་།
གསེར་ཁྲི་སེར་པོའི་བླ་མ།
དཀོར་ནོར་ལས་ལ་མ་བརྩོན།
ཐོས་སྒོམ་ཤེས་རབ་ཅན་གྱི།
འགྲོ་རྣམས་ལམ་སྟོན་གནང་རོགས།
དངུལ་ཁྲི་ཁམ་པའི་དཔོན་པོ།
ལྐོག་བཟའ་ཧམ་འཐུང་མ་ཆེ། །
དྲང་བདེན་ཚུགས་ཀ་ཅན་གྱི། །
དམངས་ཀྱི་དཀའ་ཁག་སེལ་རོགས།
གཞི་ཁྱིམ་དྲོད་མོའི་ཕ་མ།
གུ་དོགས་ཀླད་རྙིང་མ་གནང་།
ཁོག་ཡངས་ཐབས་མཁས་ཅན་གྱི།
བུ་ཚའི་་མདུན་ལམ་བརྩལ་རོགས།