མཛའ་མོ་ལགས།
ང་དང་མཉམ་དང་འགྲོ།
མཛའ་མོ་ལགས་
ང་དང་མཉམ་དུ་འདུག
ང་ཡི་སེམས་ཀྱི་མཛའ་མོ་ཞིག
སེམས་ཁྲེལ་གཞུང་ཅན་གྱི་མི་བུ་ཡིན།།
ལས་སྨོན་ལམ་བཏབ་པའི་ཁྱོད་དང་ང་།།
ཚེ་ཅིག་གི་འགྲོ་རོགས་འདུག་རོགས་ཡིན།།
མཛའ་མོ་ལགས།
ལས་ཀྱི་མཛའ་གྲོགས་ལགས།
མཛའ་མོ་ལགས།
མཛའ་བོའི་གླུ་ལ་ཉོན།
ང་ཡི་སེམས་ཀྱི་མཛའ་གྲོགས་ཞིག།
ཁྱོད་འུ་གཉིས་མཛའ་བརྩེ་མཚོ་ལས་ཟབ།།
མཚོ་སྔོན་མོའི་ཁ་མདོག་མ་འགྱུར་ན།།
ལས་སྐྱིད་སྡུག་མཚོ་ནང་ཉ་ཆུང་ཡིན།།
མཛའ་མོ་ལགས།
ང་ཡི་སྐད་ཆ་ཉོན།
མཛའ་མོ་ལགས།
ང་ཡི་སེམས་ལ་ལྟོས།
ང་ཡི་སེམས་ཀྱི་མི་མོ་ཞིག།
ལས་དཀའ་སྡུག་ཅི་འདྲ་ཚེས་ན་ཡང་།།
སེམས་འགྱུར་མེད་རྡོ་རྗེ་བྲག་བཞིན་བརྟན།།
ལས་འགྱུར་མེད་ཚེ་ཅིག་དམ་བཅའ་ཡིན།