《祈福赋》
作曲:阿桑
作词:朋措旺加
演唱:洛周才仁&朋措旺加
MIDI:金强
རི་མཐོན་པོའི་རྩེ་ནས་བསང་ཞིག་མཆོད།
བུ་བསོད་ནམས་ཅན་ལ་རླུང་རྟ་དར།
སྐྱེས་ཕོ་རབས་རླུང་རྟ་དར་སོང་ན།
ལས་ཅི་བྱས་བསམ་དོན་འགྲུབ་རྒྱུ་རེད།
དགོན་ཁྲ་མོའི་ནང་ནས་ཕྱག་གསུམ་འཚལ།
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག།
རྗེ་བླ་མའི་སྐུ་ཚེ་བརྟན་སོང་ན།
ཡུལ་འདི་ཚོ་བསོད་ནམས་ཆེན་པོ་རེད།
ཁྱིམ་གཡང་ཁྱིམ་ཚང་ནས་ཁ་གཡང་འབོད།
དྲིན་ཕ་མའི་ཚེ་ཐག་རིང་བར་ཤོག།
དྲིན་ཕ་མའི་ཚེ་ཐག་རིང་སོང་ན།
ང་བུ་ཆུང་བསོད་ནམས་ཆེན་པོ་རེད།
ཐང་བདེ་མོའི་དཀྱིལ་ནས་བྲོ་ཞིག་འཁྲབས།
བཀྲ་ཤིས་པའི་བྲོ་ར་གླུ་ཡིས་བསྟོད།
ནང་ཕུ་ནུ་ཁ་སེམས་མཐུན་སོང་ན།
ང་བུ་ཆུང་བསམ་དོན་རང་འགྲུབ་ཡིན།
1在高山之巅煨桑
幸运的男孩有好运。
男子汉大丈夫,好运就要来。
事事称心如意。
2在寺院里叩拜
愿**寿比南山
若活佛健康长寿
便给家乡带来幸福安康
3在幸福的家庭里
愿父母健康长寿。
若父母健康长寿
是子女最大的福分
4在大地的中央跳一支舞
歌颂吉祥的舞舞蹈。
只要兄弟同心。
我便能心想事成
未经许可,不得翻唱或使用